10月29日至31日,玉树州委主题教育第四指导组达忠录一行深入杂多县人大、萨呼腾镇、昂赛乡、扎青乡、教育局、二民中、藏医院及加索下滩社区等单位,通过听汇报、查资料、座谈访谈等形式对主题教育工作进行了督促指导,指出客观存在的问题,并给予了建设性指导意见。同时,莅临县委常委会班子第二次专题研讨进行针对性点评。县委副书记才公、县委组织副部长张晓军等领导陪同检查。

མཛུབ་སྟོན་ཚོགས་ཆུང་གི་ཚན་གཙོ་ཏ་ཀྲུང་ལུའུ་ཡིས་ནན་གྱིས་བསྟན་དོན། གཅིག་ནས་སློབ་སྦྱོང་གི་འཆར་གཞི་མུ་མཐུད་དུ་འཐུས་སྒོ་ཚང་དུ་བཏང་ནས་སློབ་སྦྱོང་གི་རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་གཏོང་དགོས་ལ། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་རང་ཉིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་མ་ཟད། འགན་འཁྲི་དང་ལས་ཀ།རང་ཉིད་ཀྱང་དེའི་ཁྲོད་ཞུགས་ནས།རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་བས་ལེགས་པ་དང་དམིགས་སའི་རང་བཞིན་ལྡན་པ་བཅས་བྱེད་དགོས། གཉིས་ནས་རང་འགུལ་ངང་མང་ཚོགས་དང་ཉེ་བར་བཅར་དགོས་ལ།མང་ཚོགས་ཀྱི་དོ་ཁུར་ལ་ཉན་པ།མང་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སློག་པ།དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གསུམ་ནས་བཀོད་སྒྲིག་གི་བླང་བྱར་ནན་པོར་གཞིགས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བར་བྱེད་དགོས་ཤིང་། སློབ་སྦྱོང་བྱེད་ཞོར་དང་ལེགས་བཅོས་བྱེད་ཞོར་བཅས་མཐའ་འཁྱོངས་བྱས་ཏེ་གནད་དོན་ལ་ལྟ་ཞིབ་དང་དག་ཐེར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་པ་དང་། ཤེས་སྤྱོད་ཟུང་འབྲེལ་ཁྲོད་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སེམས་ལ་ཟུག་པ་བཅས་བྱས་ནས་ལས་འགན་སྣ་སོ་སོའི་བླང་བྱ་དོན་འཁྱོལ་ཐུབ་པ་བྱས་ཏེ། བརྗོད་བྱ་གཙོ་བོའི་སློབ་གསོའི་དུས་མཚམས་རང་བཞིན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པར་བསྟན།
指导组组长达忠录强调,一要继续完善学习计划,丰富优化学习形式和内容,在理论学习当中不断提高自己的理论素养,把职责摆进去,把工作摆进去,把自己摆进去,真正让理论学习更有指导意义,更有针对性; 二要主动贴近群众,听取群众心声,回应群众关切,紧密联系实际,充分发挥党员的先锋模范作用; 三要严格按照部署要求,结合前期工作实际,坚持问题导向,坚持边学边査边改,切实抓好问题检视和整改落实,在知行合一中主动担当作为,确保“不忘初心、牢记使命”主题教育入脑入心,创造性地把各项任务要求落到实处,扎扎实实开展好主题教育阶段性工作。
རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཚེ་མགོན་གྱིས་བསྟན་དོན། རྫ་སྟོད་རྫོང་གིས་ཐེངས་འདིའི་ཞིབ་བཤེར་མཛུབ་སྟོན་གོ་སྐབས་སུ་བཟུང་ཏེ་ལས་ཀའི་བྱ་ཐབས་ལ་ཞིབ་འཇུག་དང་ལེགས་བཅོས་ནན་ཏན་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་གནད་དོན་ལ་དམིགས་པ།དུས་ཐོག་ཏུ་ཆད་ལུས་ཁ་གསབ་བྱེད་པ།གོམ་སྟབས་རྗེས་མའི་ལས་དོན་ལ་སྤྱི་འདོམས་འཆར་འགོད་ཡག་པོ་བྱེད་པ།རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་བསམ་བློ་ཆབ་སྲིད་ལ་ཉམས་སད་ཐེབས་པ་བཅས་བྱས་ནས། ད་ཐེངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོར་སྤུས་ཚད་མཐོ་བའི་ཕན་འབྲས་ཐོབ་པར་འགན་ལེན་བྱ་རྒྱུ་ཡིན་པར་བསྟན།
县委副书记才公表示,杂多县将以此次检查指导为契机,认真研究改进工作措施,加强监督检查,针对问题,及时查漏补缺,统筹谋划好下一步工作,实现理论学习有收获、思想政治受洗礼,确保此次主题教育取得高质量的效果。

閱讀更多 看玉樹 的文章